Web Toolbar by Wibiya
མདུན་ངོས། དྲ་རྒྱ་དང་འབྲེལ་བ། གསལ་བསྒྲགས། བརྡ་སྤྲོད་རིག་པའི་བགྲོ་གླེང་གསལ་བསྒྲགས།
 
བརྡ་སྤྲོད་རིག་པའི་བགྲོ་གླེང་གསལ་བསྒྲགས། Saturday, 24 January 2015 13:05 PDF Print E-mail

༄༅། །ཤེས་བྱའི་གནས་ལ་དུང་བ་ཟབ་ཅིང་རང་གི་སྐད་ཡིག་ལ་ཞེན་པ་དཀར་བའི་དོན་གཉེར་ཅན་གྱི་ རང་རིགས་སློབ་མ་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ།
དེ་སྔོན་འདས་པའི་ལོ་ཤས་ནང་ང་ཚོས་བོད་ཀྱི་རིག་གཞུང་སྤྱི་ལ་ཞབས་འདེགས་སྒྲུབ་ཆེད་དང་། རང་རིགས་སློབ་མ་རྣམས་ལ་བརྡ་སྤྲོད་ཀྱི་གོ་རྟོགས་གོང་མཐོར་སྤེལ་སླད་ནགས་ལྷ་རྩོམ་སྒྲིག་ཁང་གིས་སྣེ་ཁྲིད་ནས་ས་ཕྱོགས་གང་སར་བཞུགས་པའི་ནགས་ཤོད་འབྲི་རུ་བ་ཡོངས་ནས་ཕྱར་གྲུ་མཉམ་འདེགས་གནང་བར་བརྟེན་མཁས་དབང་གདན་ཞུ་དང་བཅས་༼མདོ་ཁམས་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་༽ཞེས་པ་ཐེངས་གཉིས་འཚོགས་ཐུབ་པ་བྱུང་ཡོད་ལ་ཕན་ནུས་ཀྱང་ཆེན་པོ་བྱུང་ཡོད། འདི་ལོར་ཡང་སློབ་གྲྭའི་གུང་སེང་དང་བསྟུན་ནས་ང་ཚོས་འབྲེལ་ཡོད་རྣམས་ལ་གོ་བསྡུར་དང་བཅས་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གསུམ་པ་འཚོགས་གཏན་འཁེལ་བ་ཡིན། དེ་ཡང་སྤྱི་ལོ་ ༢༠༡༥ ཟླ་བ་ ༢ ཚེས་ ༢༥ /༢༦ /༢༧ དང་། བོད་རྒྱལ་ལོ་༢༡༤༢ བོད་ཟླ་ ༡ ཚེས་ ༧/ ༨/ ༩/ སྟེ་ཉིན་གསུམ་རིང་བཞུགས་སྒར་རྡ་སར་འཚོགས་འཆར་ཡོད་པས་དེ་དོན་རང་རིགས་སློབ་མ་རྣམས་ཀྱིས་དགོངས་མངའ་ཡོད་པ་ཞུ།
སྤྱི་ལོ་ ༢༠༡༥ ཟླ་བ་ ༡ ཚེས་ ༢༤ ཉིན།
ནགས་ལྷ་རྩོམ་སྒྲིག་ཁང་།

རྩོམ་ཡིག་འདི་ཐེངས་ 9376 བཀླགས་འདུག