༢༠༢༣ རྩོམ་བསྡུའི་གསལ་བསྒྲགས།

༄༅། །ཚང་མའི་དགོངས་མངའ་བཞིན་ང་ཚོས་ལོ་ལྟར་<<ནགས་ལྷའི་སྒྲོན་མེ་>>དུས་དེབ་འདོན་སྤེལ་ཞུ་མུས་ལྟར། འདི་ལོར་ཡང་འདོན་ཐེངས་བཅོ་ལྔ་པ་འདོན་འཆར་ཡོད་པས། རྣམ་དཔྱོད་ཀྱི་འཇུག་པ་མཆོག་ཏུ་ཡངས་པའི་རང་རེའི་སྨྱུག་ཐོགས་པ་རྣམས་ཀྱིས་གནའ་རབས་དང་དེང་རབས་ཟུང་དུ་འབྲེལ་བའི་རིག་པའི་གཞུང་ལུགས་ལ་ཁ་ཕྱོགས་ཏེ་མདུན་བསྐྱོད་བྱ་དགོས་པ་གལ་ཆེར་བཟུང་ནས་དཔྱད་རྩོམ་དང་སྒྲུང་རྩོམ། ནང་ཆོས་དང་ཚན་རིག །ལོ་རྒྱུས་དང་ཆོས་འབྱུང་། བརྡ་སྤྲོད་དང་སྙན་རྩོམ། གཞན་ཡང་བསླབ་བྱ་དང་ལམ་སྟོན་སོགས་བཅད་ལྷུག་གང་ཡིན་ལ་ཁྱད་པར་མེད་ཀྱང་དུས་དེབ་ཀྱི་ས་ཁྱོན་ལ་གཞིགས་ནས་ངོ་ཤོག་ལྔ་ལས་མ་མང་བ་དང་། བརྩམས་ཆོས་རིང་གྲས་རྣམས་དུས་དེབ་འདོན་ཐེངས་རྗེས་མ་རྣམས་སུ་མུ་འགོད་ཞུ་རྒྱུ་ཡིན་པ་ལགས་ན་སྔར་རྒྱུན་བཞིན་ཐུགས་ཁུར་གནང་སྟེ། རྩོམ་ཡིག་རྣམས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༩ ཚེས་པ་ ༣༠ ནང་ཚུད་གཤམ་གསལ་འབྲེལ་ལམ་བརྒྱུད་ནས་ངེད་ནགས་ལྷ་རྩོམ་སྒྲིག་ཁང་དུ་བཏང་འབྱོར་ཐུབ་པ་གནང་རོགས་ཞུ།

ཞེས་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༣ ལ་ནགས་ལྷ་རྩོམ་སྒྲིག་ཁང་ནས་སྤེལ། འབྲེལ་གཏུག་གནང་ཡུལ།

གློག་འཕྲིན། This email address is being protected from spambots. You need JavaScript enabled to view it.

ཁ་པར། ༩༨༨༠༣༨༨༨༠༦

༨༢༡༩༥༤༩༨༥༨

༧༥༩༠༠༢༥༩༦༦

༨༣༥༢༠༨༥༤༧༦

རྩོམ་བསྡུའི་གསལ་བརྡ།

༄༅། །དྲི་མེད་ལྷག་བསམ་དཀར་པོའི་བ་དན་ཕྱོགས་ཀུན་གཡོ་ཞིང་ཕུལ་བྱུང་རྣམ་དཔྱོད་ཀྱི་བློ་གྲོས་རབ་ཏུ་རྒྱས་པའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ།
ང་ཚོ་ཁ་བ་གངས་ཅན་པའི་རིག་གཞུང་རྣམས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན།  གནས་པ་གོང་འཕེལ་དུ་འགྲོ་བའི་ཆ་རྐྱེན་ནམ་གཞི་རྩ་གཙོ་བོ་ནི་བོད་ཡིག་འདི་ཡར་རྒྱས་གཏོང་ཐུབ་མིན་ལ་རག་ལས་ཡོད་པའི་ཚུལ་ནི་བསྐྱར་བཤད་དང་ཡང་བཤད་ཅི་ལ་དགོས།  གཙོ་བོར་ང་ཚོས་སྐད་ཡིག་འདི་ཉིད་གཅེས་འཛིན་དང་འདི་ཉིད་ལ་མཐོང་ཆེན་ངེས་པར་བྱ་དགོས་པ་ཡིན།  དེ་ཡང་འཕགས་མཆོག་འཇིག་རྟེན་མགོན་པོའི་དགོངས་གཞི་དང་བཀའ་འབྲེལ་གཉིས་ཐད་ནས་བོད་ཀྱི་རིག་གཞུང་འདི་ཉིད་ཡར་རྒྱས་གཏོང་བ་ལ་བོད་པ་མི་རེ་ངོ་རེས་འགན་འཁུར་དགོས་པའི་བཀའ་སློབ་རབ་དང་རིམ་པ་རང་ཅག་རྣམས་ཀྱི་སྤྱི་བོའི་རྒྱན་དུ་ཕེབས་པ་བཞིན་ཚོགས་པ་དང་ལུང་ཚན་སོ་སོས་ཀྱང་གང་ནུས་དེ་སྒྲུབ་ཀྱི་ཚུལ་དུ་གངས་ཅན་པའི་རིག་གཞུང་འཛིན་སྐྱོང་བྱ་དགོས་པ་སྐབས་བབ་ཀྱི་དོན་ངོ་མ་དེ་ཡིན།  རྒྱུ་མཚན་དེ་དག་ལ་གཞིགས་ནས་མདོ་ཁམས་ནགས་ཤོད་འབྲི་རུ་བ་རྣམས་ཀྱིས་རང་འགན་རང་ཁུར་གྱི་ཚུལ་དུ་བོད་ཡིག་གཙོ་བོར་གྱུར་བའི་བོད་ཀྱི་རིག་གཞུང་རྣམས་འཛིན་སྐྱོང་དང་ཡར་རྒྱས་ལ་དམིགས་ནས་སྤྱི་ལོ་ ༢༠༠༩ ལོར་ནགས་ལྷ་རྩོམ་སྒྲིག་ཁང་གསར་དུ་བཙུགས་ནས་ད་ལྟའི་བར་དཔྱད་རྩོམ་དང་སྒྲུང་རྩོམ།  ནང་ཆོས་དང་ཚན་རིག །