ཕ་སྐད་དྭངས་མ།

སུམ་ཅུ་པའི་བརྗོད་བྱ་ཚིག་འཕྲད་བཅུ་བཞི་ནང་གསེས་དང་བཅས་པ་

ཁྱད་གཞི་གཅིག་གི་ཐོག་དཔེ་འགོད་ཚུལ་གྱི་ཟིན་བྲིས།།  འཇམ་དབྱངས་ནོར་བུ།

རྣམ་དབྱེ་དང་པོ་ ཕ་སྐད་དྭངས་མ།

རྣམ་དབྱེ་གཉིས་པ་ རྒྱ་མི་ལ་ཕ་སྐད་དྭངས་མ་ཞིག་བཤད།
རྣམ་དབྱེ་གསུམ་པ་ ར་མ་ལུག་སྐད་ཀྱིས་ཕ་སྐད་དྭངས་མ་གཏོར་བརླགས་བཏང་སོང་།
རྣམ་དབྱེ་བཞི་པ་ རང་མི་རིགས་འཚོ་ཕྱིར་དུ་ཕ་སྐད་དྭངས་མ་ཞིག་སྨྲ་དགོས།
རྣམ་དབྱེ་ལྔ་པ་ ཕ་བཟང་བུ་ཡི་ངག་ནས་ཕ་སྐད་དྭངས་མའི་རང་སྒྲ་ལྷང་ལྷང་དུ་སྒྲོག་པ།
རྣམ་དབྱེ་དྲུག་པ་ ཕ་སྐད་དྭངས་མའི་རང་མདངས།
རྣམ་དབྱེ་བདུན་པ་ ངེས་དོན་གྱི་ལ་རྒྱ་ལྡན་པའི་གངས་བུའི་ངག་ཏུ་ཕ་སྐད་དྭངས་མ་ཡོད་པར་བཤད་མི་དགོས།
རྣམ་དབྱེ་བརྒྱད་པ་ ཀྱེ་ཕ་སྐད་དྭངས་མ་སྨྲ་བའི་གངས་ཕྲུག་ལགས།
དེ་ཉིད་ ཕ་སྐད་དྭངས་མ་བཤད་དུ་ཆུག
ཚེ་སྐབས་ དེང་དུས་སུ་ཕ་སྐད་དྭངས་མ་སྨྲ་བའི་བོད་མི་ཉུང་ཤེས་ལས་མི་མཐོང་།
སླར་བསྡུ་ བདག་གིས་རྗོད་བཞིན་པ་འདི་ནི་བོད་པ་ཚང་གི་ཕ་སྐད་དྭངས་མའོ།

༼ རྒྱན་སྡུད། ༽
མཐུན་པའི་ཚིག་རྒྱན་ ཕ་སྐད་དྭངས་མ་བཤད་ཀྱང་བཤད་ལ་གོ་ཡང་གོ
མི་མཐུན་པའི་ཚིག་རྒྱན་ བོད་པ་ཡིན་ཡང་ཕ་སྐད་དྭངས་མ་མི་ཤེས།
སྡུད་པ་ ཕ་སྐད་དྭངས་མའི་ཐོག་ནས་ཀྱང་བཤད་དགོས།

༼ མཚམས་སྦྱོར་ལྷག་བཅས། ༽
བྱེད་པས་བྱ་བ་འདྲེན་པ་ ཕ་སྐད་དྭངས་མ་སྦྱང་ཏེ་གཞན་ལ་བསླབས།
བྱ་བས་བྱ་བ་འདྲེན་པ་ ཕ་སྐད་དྭངས་མའི་གཏམ་བཤད་བྱས་ཏེ་ཁྱིམ་དུ་ལོག
བྱ་བ་གཅིག་ཅར་དུ་འདྲེན་པ་ ཕ་སྐད་དྭངས་མ་བཤད་དེ་ཐལ་མོ་བརྡབས།

༼ དམ་བཅའ་ལྷག་བཅས། ༽
དབྱེ་བ་འདྲེན་པ་ ཕ་སྐད་དྭངས་མ་ལ་གསུམ་སྟེ་ ཁམས་སྐད་དང་ དབུས་སྐད་ ཨམ་སྐད་བཅས་སོ།
གཏན་ཚིགས་འདྲེན་པ་ གཞོན་ནུ་འདི་ནི་ངེས་དོན་གྱི་ལ་རྒྱ་ལྡན་པའི་མི་བུ་ཞིག་ཡིན་སྟེ་ ཕ་སྐད་དྭངས་མ་ངག་ནས་མ་དོར་བའི་ཕྱིར།
ངེས་ཚིགས་འདྲེན་པ་ ཕ་སྐད་དྭངས་མ་སྟེ་ ཕ་མེས་ནས་བཞག་པའི་སྐད་རིགས་དྭངས་མའམ་དག་མ་ཡིན་པས་འདི་ལྟར་བརྗོད་པའོ།
རྒྱས་བཤད་འདྲེན་པ་ འདི་ནི་ཕ་སྐད་དྭངས་མའི་ལོ་རྒྱུས་མདོར་བསྡུས་ཙམ་སྟེ་ རྒྱས་པར་བཤད་ན།

༼ འབྱེད་སྡུད། ༽
འབྱེད་པ་ མི་རིགས་ཀྱི་ངོ་བོ་མཚོན་བྱེད་ལ་གསུམ་སྟེ་མི་རིགས་རང་ཉིད་ཀྱི་ཕ་སྐད་དྭངས་མའམ་རང་མི་རིགས་ཀྱི་གོམ་སྲོལ་ལམ་མི་རིགས་རང་གི་ཡི་གེ་བཅས་སོ།
སྡུད་པ་ མི་རིགས་རང་གི་ཕ་སྐད་དྭངས་མའམ་ རང་མི་རིགས་ཀྱི་གོམ་སྲོལ་ལམ་ རང་རིགས་ཀྱི་ཡི་གེ་བཅས་ནི་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཡིན་ནོ།

༼ ནས་ལས་གཉིས་ཀྱི་འཇུག་པ། ༽
འབྱུང་ཁུངས་ ངེས་དོན་གྱི་ལ་རྒྱ་ལྡན་པའི་གངས་ཕྲུག་གི་ངག་ནས་ཕ་སྐད་དྭངས་མའི་རང་མདངས་ལྷང་ལྷང་དུ་སྒྲོག་པ།
རིགས་མཐུན་དགར་བ་ རིགས་མཐུན་གཞོན་སྐྱེས་ནང་ནས་ཕ་སྐད་དྭངས་མ་སྨྲས་པའི་གཞོན་ནུ་ནི་ལ་རྒྱ་ཅན་གྱི་གཞོན་ནུ་ཞིག་གོ
རིགས་མི་མཐུན་དགར་བ་ ཕ་སྐད་དྭངས་མ་ལས་བོད་ཡིག་སྦྱང་པར་དཀའོ།
སྡུད་པ་ ཕ་སྐད་དྭངས་མ་སྦྱངས་པའི་ཉིན་དང་པོ་ནས་འཇུག་མ་ཤེས་བར་ལྟ་བུ།

༼ འབོད་སྒྲ ༽
ཀྭ་ཡི་སྙིང་ཉེ་ལགས་ཕ་སྐད་དྭངས་མ་ཞིག་ཤོད་དང་།

༼ ནི་སྒྲའི་འཇུག་ཡུལ་གཉིས། ༽
ནི་སྒྲ་དགར་བ་ ཕ་སྐད་དྭངས་མ་ནི་ངའི་ལྷད་མེད་ཀྱི་ཚེ་སྲོག་ཡིན།

ནི་སྒྲ་བརྣན་པ་ སྐད་རིགས་ནི་བོད་སྐད་ཡིན་ མི་རིགས་ནི་བོད་རིགས་ཡིན་
སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པས་ད་ནི་ཕ་སྐད་དྭངས་མ་ཞིག་ཏུ་བརྩོན་དགོས།

༼ དང་སྒྲའི་འཇུག་པ་ལྔ་། ༽

དང་སྒྲ་སྡུད་པ་ བོད་པའི་ཕ་སྐད་དྭངས་མ་དང་ བོད་པའི་ངབྱངས་གསལ་སོ་བཞི་གཉིས་ནི་ བོད་པའི་བླ་སྲོག་ཡིན།
དང་སྒྲ་འབྱེད་པ་ བོད་མི་རིགས་ཀྱི་བླ་སྲོག་ནི་གཉིས་ཏེ་ བོད་པའི་ཕ་སྐད་དྭངས་མ་དང་བོད་པའི་དབྱངས་གསལ་སོ་བཞིའོ།
དང་སྒྲ་རྒྱུ་མཚན་སྟོན་པ་ སྐད་ཆ་བཤད་པ་དང་ཕ་སྐད་དྭངས་མ་ཤེས་མཁན་གྱི་བོད་བུ་ལ་རྒྱ་ཅན་ཞིག་ཡིན་མིན་པ་ཚོད་དཔག་བྱེད་ཐུབ།
དང་སྒྲ་ཚེ་སྐབས་ལ་འཇུག་པ་ གཞིས་བྱེས་ལྷན་འཛོམ་བྱུང་བ་དང་ ཕ་སྐད་དྭངས་མའི་བགྲོ་གླིང་ཚོགས།
དང་སྒྲ་གདམས་ངག་སྟོན་པ་ ངེས་དོན་གྱི་ལ་རྒྱ་བསམ་ན་ཕ་སྐད་དྭངས་མ་ཞིག་རྒྱོབ་དང་།

༼ དེ་སྒྲ་ཐ་སྙད་དབང་དུ་འཇུག་པ་གསུམ། ༽
ཐ་སྙད་འདས་མ་ཐག་པ་ ཕ་སྐད་དྭངས་མ་ཞིག་ཤེས་ན་དེ་བརྒྱབ་དགོས།                                                                            
ཐ་སྙད་རྣམ་གྲངས་གཞན་ཅན་ ཕ་སྐད་དྭངས་མ་ཤེས་ནས་རྒྱག་པའི་འཕྲེང་འཛིན་གང་དང་གང་ཡིན་པ་དེ་དང་དེ་ནི་ལ་རྒྱ་ལྡན་པའི་བོད་ཕྲུག་ཞིག་གོ
ཐ་སྙད་ལྷག་བཅས་ ཕ་སྐད་དྭངས་མ་བཤད་དེ་ཐོས་སོ།

༼ དེ་སྒྲ་དངོས་པོའི་དབང་དུ་བཞི། ༽
བདེན་པའི་དངོས་པོ་ མེས་དབང་གང་མ་ཚོས་བཞག་པའི་ཕ་སྐད་དྭངས་མ་དེ་བཞིན་ང་ཚོས་ཤེས་དགོས། 
གསང་བའི་དངོས་པོ་ དེ་སུ་ལའང་མ་བསླབ་ཅིག
བདག་གི་བའི་དངོས་པོ་ ངེད་ཅག་གི་ཕ་སྐད་དྭངས་མ་འདི་བརླག་མི་རུང་།
གཞན་གྱི་བའི་དངོས་པོ་ ཁྱོད་ཚོའི་ཕ་སྐད་དྭངས་མ་དེ་ག་དུས་ནུབ་སོང་།

༼ དེ་སྒྲ་དུས་ཀྱི་དབང་དུ་གཉིས། ༽
དུས་འདས་པ་ ན་ནིང་ཕ་སྐད་དྭངས་མའི་བགྲོ་གླིང་ཚོགས་པའི་ཟླ་བ་དེ་གང་ཡིན་ནམ།
དུས་མ་འོངས་པ་ ཡང་སྐྱར་ཕ་སྐད་དྭངས་མའི་བགྲོ་གླིང་ཚོགས་རྒྱུའི་དུས་དེ་ཟླ་བ་རྗེས་མར་རེད།

༼ སྤྱི་སྒྲ ༽

ཅི་ཞིག་ ར་མ་ལུག་སྐད་བཤད་ནས་ཅི་ཞིག་བྱེད་དེ་ལས་ཕ་སྐད་དྭངས་མ་ཞིག་བཤད་དགོས།
ཅི་སྟེ་ ཅི་སྟེ་ཕ་སྐད་དྭངས་མ་མི་ཤེས་ན་ངེས་པར་དུ་སྦྱང་དགོས།
ཅི་སླད་ དུས་རྒྱུན་དུ་ཕ་སྐད་དྭངས་མ་བཤད་དགོས་པ་ཅི་སླད་ཅེ་ན་མི་རིགས་ཀྱི་ལ་རྒྱ་ལ་བསམ་ནས་སོ།
ཅི་འདྲ་ ཁྱོད་ཀྱིས་ཕ་སྐད་དྭངས་མ་ལས་གཞན་པའི་སྐད་རིགས་ཅི་འདྲ་ཤེས་ཀྱི་ཡོད་དམ།
ཅི་ཕྱིར་ རང་གིས་ཅི་ཕྱིར་ཕ་སྐད་དྭངས་མ་དེ་དོར་ནས་ར་མ་ལུག་སྐད་བརྒྱབ་པ་ཡིན་ནམ།

༼ བདག་སྒྲ ༽
པོ་ ཕ་སྐད་དྭངས་མ་སྨྲ་བ་པོ་དེ་ནི་རྩམ་དྲི་དྲོ་བའི་ཕ་བཟང་གི་བུ་ཞིག་ཡིན་པ་བཤད་མི་དགོས།
པ་ ཕ་སྐད་དྭངས་མའི་རྒྱུད་འཛིན་པ་འདི་ནི་མ་འོངས་བོད་པའི་སོན་རྩ་ཡིན། ༤

༼ དགག་སྒྲ ༽
མ་ ཁྱོད་རང་གིས་བཤད་པའི་སྐད་ཆ་དེ་ར་མ་ལུག་སྐད་རེད་མ་ཏོགས་ཕ་སྐད་དྭངས་མ་ཞིག་མ་རེད།
མི་ ཕ་སྐད་དྭངས་མ་མི་ཤེས་པའི་བོད་མི་ཡིན་ཟེར་བ་ནི་གངས་ཅན་བོད་པའི་བླ་བཙོངས་རེད།
མིན་ གདོང་དམར་པའི་ཕ་སྐད་དྭངས་མ་འདི་མི་ཤེས་ན་གདོང་དམར་བོད་པའི་མི་རྒྱུད་མིན།
མེད་ ལ་རྒྱའི་ཁ་ཕྱོགས་མི་ཤེས་པའི་བླུན་པོའི་ངག་ནས་ར་མ་ལུག་སྐད་ལས་ཕ་སྐད་དྭངས་མ་ཞིག་ནམ་ཡང་མེད།

༼ ཞིང་སོགས། ༽
ཤིང་ ཕ་སྐད་དྭངས་མ་ཤེས་ཤིང་གཞན་ལ་བསླབས།
ཞེས་ ཕ་སྐད་དྭངས་མ་ཞིག་ཤེས་དགོས་ལ་ཤེས་པ་ཙམ་དུ་མ་ཚད་སྤྱད་དགོས་ཞེས་གསུངས།
ཞེ་འོ་ ཕ་སྐད་དྭངས་མ་བཤད་མཁན་གྱི་མི་བུ་འདི་ནི་ལ་རྒྱ་ལྡན་པའི་རིགས་བཟང་བོད་པ་ཞེའོ།
ཅེ་ན་ ང་ཡིས་སྐད་རིགས་གང་ཤེས་ཀྱི་ཡོད་ཅེ་ན་ཕ་སྐད་དྭངས་མ་ཞིག་ལོས་ཤེས་གཞན་དབྱིན་སྐད་དང་ རྒྱ་སྐད་སོགས་ཤེས་ཀྱི་ཡོད།
ཞིག་ ཕ་སྐད་དྭངས་མ་ཞིག་བརྒྱོབ་དང་ང་ཡི་ཕུ་ནུ་ཚོ།།


རིགས་མཐུན་ལས་ཀྱིས་སྡུས་པའི་ ཁ་བའི་བུ།།
ཕ་སྐད་གཙང་མ་ནམ་ཡང་མི་བརྗེད་ཅིང་།།
ཕ་གཞིས་བསྐྱང་པའི་སྙིང་སྟོབས་མ་ལྷོད་དང་།།
གཞི་བྱེས་ལྷན་འཛོམས་འབྱུང་ལ་དཀའ་རྒྱུ་མེད།།

 

 

 

རྩོམ་ཡིག་འདི་ཐེངས་ 1485 བཀླགས་འདུག

Related Articles